Wednesday, February 6, 2013

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་པའི་དམིགས་ཡུལ་དོན་ཚན་ ཁག་དང་ཚོགས་པའི་ལས་དོན་སྤེལ་ཕྱོགས་ཐད་ཀྱི་ཟབ་སྦྱོང་ཐེངས་དང་པོ།

        
   སྤྱི་ལོ་༢༠༡༣ལོའི་ཟླ༢ཚེས༢དང་༣ཉིན་གཉིས་རིང་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་པའི་དམིགས་ཡུལ་དོན་ཚན་ཁག་དང་ཚོགས་པའི་ལས་དོན་སྤེལ་ཕྱོགས་ཐད་ཀྱི་ཟབ་སྦྱོང་ཐེངས་དང་པོ་གནང་ཡོད་པ་དང་།
ཉིན་དང་པོ་ཚོགས་མི་རྣམས་པའི་ཚོགས་པའི་དམིགས་ཡུལ་དོན་ཚན་དགུའི་ཐོག་ཚོགས་མི་སོ་སོའི་བསམ་ཚུལ་བརྗེ་རེས་དང་གོ་བསྡུར་ལྷུག་པོ་གནང་ཡོད་པ་དང་། མ་འོངས་ལས་དོན་སྤེལ་ཕྱོགས་ཐད་ལ་ཡང་གཏན་འབེབ་མ་ཉུང་བ་ཞིག་བྱེད་ཡོད་པ་རེད། ཉིན་གཉིས་པར་ཡོ་རོབ་སྐུ་
ཚབ་སྐལ་བཟང་རྒྱལ་མཚན་མཆོག་དང་། སུད་སི་དོན་གཅོད་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སྐུ་ངོ་བློ་བཟང་ཉི་མ་མཆོག་རྣམ་གཉིས་ཀྱིས་ཚོགས་མི་རྣམས་ལ་བཀའ་སློབ་ལམ་སྟོན་དང་ཚོགས་མི་རྣམས་ཀྱི་དྲི་བར་ལན་འདེབས་བཅས་གནང་ཡོད་པ་དང་།
ལྷག་དོན་ཟབ་སྦྱོང་འདིའི་ཐོག་མ་འོངས་པར་ཚོགས་མི་རྣམས་ཀྱིས་དམིགས་ཡུལ་དོན་ཚན་དགུ་ལག་ལེན་དོན་འཁྱོལ་ཡོང་ཆེད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མདུན་དུ་ཡོ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་སྐུ་བཞེངས་ཐོག་ཚོགས་མི་རྣམས་པའི་རེ་རེ་བྱས་ནས་༼ ཚོགས་པ་འདིར་ཞུགས་པར་ཚོགས་པའི་དམིགས་ཡུལ་ལངས་ཕྱོགས་དོན་ཚན་དགུ་ལ་མོས་མཐུན་གཙང་
མའི་རྒྱབ་སྐྱོར་དང་ཚོགས་མི་ལྷན་རྒྱས་དང་ཡང་ན་རྒྱུན་ལས་ཀྱིས་མང་མོས་ཐག་གཅོད་བྱུང་བའི་ལས་དོན་གང་ཅིའི་ཕྱིར་ཚོགས་མི་སྒེར་ལ་དཀའ་ངལ་ཅི་ཕྲད་ཀྱང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱི་དང་ལྷག་དོན་ཚོགས་པའི་ལས་དོན་ལམ་ལྷོང་ཡོང་བའི་ཆེད་ཚོགས་མི་ཚང་མ་སྤུན་མཆེད་ལྟ་བུའི་འདུ་ཤེས་ཐོག་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་མཆོག་གསུམ་དཔུང་དུ་བཙུག་སྟེ་དམ་བཅའ་ཕུལ་བ་ཡིན་༽ ཞེས་དམ་འབུལ་ཞུས་ཡོད་པ་རེད།
བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་དམིགས་ཡུལ་དོན་ཚན་དགུ་ནི།
དང་པོ།
༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་དང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་བྱ་རྒྱུ།
གཉིས་པ།
ཆོལ་ཁའི་འཐེན་ཁྱེར་དང་ཆོལ་ལུགས་ཀྱི་ཞེན་ཁོག་རྩོད་མཁན།དེ་བཞིན་བོད་ཀྱི་སྤྱི་ཚོགས་རྡོག་རྩ་གཅིག་སྒྲིལ་ལ་གཏོར་བཤིག་གཏོང་མཁན་མཐའ་དག་ལ་ཁ་གཏད་དང་གནས་ལུགས་གསལ་བརྗོད་བྱ་རྒྱུ།
གསུམ་པ།
བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་བདེན་དོན་དང་འཐབ་རྩོད་ལ་ཤ་ཚ་ཞེན་ཁོག་ཡོད་མཁན་གང་མང་མཉམ་རུབ་ཡོང་ཐབས་དང་ལངས་ཕྱོགས་གཅིག་གྱུར་གྱི་ཐོག་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ནུས་ཤུགས་གང་ཡོད་འདོན་ཐབས་བྱ་རྒྱུ།
བཞི་བ།
བཙན་བྱོལ་ཁག་གཙོས་བའི་བོད་ཀྱི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་གོང་འཕེལ་གཏོང་ཐབས་དང་། སྤྱི་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་ལམ་འགག་མ་ནོར་བ་ཞིག་ལ་འཁྲིད་ཐབས་བྱ་ཆེད་ལས་འགུལ་གང་འོས་སྤེལ་རྒྱུ།
ལྔ་བ།
བཙན་བྱོལ་སྤྱི་ཚོགས་ནང་མི་ཤེས་ཡོན་དང་ལྷག་བསམ་རྣམ་དག་ཡོད་མཁན་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་གནས་ལ་འགོད་ཐབས་ཐད་ལས་འགུལ་སྣ་མང་སྤེལ་རྒྱུ།
དྲུག་པ།
སྤྱི་ལོ༡༩༤༩ནས་ད་བར་དུ་བོད་མི་རིགས་དང་རྒྱལ་ཁབ་གྱི་དོན་དུ་ཚེ་སྲོག་ཤོར་བ་རྣམས་དང་མནར་གཅོད་མྱོང་མཁན་རྣམས་ལ་དྲན་གསོ་དང་། དེང་སྐབས་བོད་་དོན་ཆེད་དཀའ་ལས་རྒྱག་བཞིན་པ་རྣམས་ལ་གུས་བརྩི་དང་རྒྱབ་སྐྱོར་ཡང་དག་བྱ་རྒྱུ།
བདུན་པ།
བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སོགས་སྤྱི་ཚོགས་ཀྱི་དགོས་མཁོ་གང་ཡོད་དང་བསྟུན་ནས་ལས་འགུལ་འདྲ་མིན་སྤེལ་རྒྱུ།
བརྒྱད་པ།
བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་མི་སུ་ཡིན་ཡང་དོལ་རྒྱལ་བསྟེན་གསོ་བྱེད་མི་ཆོག་ལ། དོལ་རྒྱལ་དང་འབྲེལ་ཡོད་མི་སྣ་དང་འབྲེལ་འདྲིས་བྱ་མི་ཆོག་མ་ཟད། གདོན་འདྲེ་གསོ་མཁན་རིགས་ཀྱི་སྐུར་འདེབས་དང་རྫུན་བཟོ་འཆལ་གཏམ་ཁག་ནུས་མེད་དུ་གཏོང་ཐབས་ཐད་གདོང་ལེན་ཅི་འོས་བྱ་རྒྱུ།
དགུ་པ།
ཚོགས་པ་འདིའི་དམིགས་ཡུལ་དང་ལས་འགན་གལ་ཆེན་དུ་བརྩིས་ཏེ་ཚོགས་མི་ཚང་མ་སྤུན་མཆེད་ཀྱི་འདུ་ཤེས་ཐོགགཅིག་གྲོགས་གཅིག་ཕན་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ལས་དོན་ལམ་ལྷོང་ཡོང་བ་བྱ་རྒྱུ།

No comments: