བརྙན་འཕྲིན།




   

བཞུགས་སྒར་དྷ་རམ་ས་ལར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་ཆེན་དེར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ལས་ཟུར་དང་སྤྱི་འཐུས་ལས་ཟུར། དེ་བཞིན་འཛམ་གླིང་ཡུལ་གྲུ་སུམ་ཅུ་ཙམ་ནས་མི་མང་གི་སྐུ་ཚབ་འཐུས་མི་བཅས་མི་གྲངས་བཞི་བརྒྱ་ཙམ་འདུ་འཛོམས་གནང་ནས་བོད་ནང་ཛ་དྲག་གི་གནས་སྟངས་ལ་བཙན་བྱོལ་བོད་མི་ཚོས་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་སྐོར་ལ་ཉིན་བཞིའི་རིང་བསམ་བསྡུར་བགྲོ་གླེང་གནང་གི་ཡོད་པ་རེད། ཀུན་གླེང་ལས་རིམ་གྱིས་ བཞུགས་སྒར་དྷ་རམ་ས་ལ་ནས་ཚོགས་ཆེན་ལ་ཚོགས་ཞུགས་གནང་མཁན་བྱང་ཨ་རིའི་བོད་མི་མང་སྤྱི་འཐུ་བཀྲ་ཤིས་རྣམ་རྒྱལ་ལགས་དང་། སུད་སི་ནས་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དཔའ་བོ། རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀུ་པི་ནས་སྤྱི་མཐུན་བོད་མིའི་མཉམ་འབྲེལ་གྱི་འགན་འཛིན་བཀྲིས་དབང་འདུད་ལགས་བཅས་གདན་འདྲེན་ཞུས་ནས་དམིགས་བསལ་ཚོགས་ཆེན་ལ་རེ་བ་དང་དགོངས་འཆར་གང་ཡོང་གི་ཡོད་པ་བཅས་ཀྱི་སྐོར་ལ་བགྲོ་གླེང་ཞུ་རྒྱུ་ཡིན།


























No comments: